ལམ་སྟོན་སྣེ་ཁྲིད།

Protocol Guidelines for Attendees – Tibetan

 ༈ སྔ་འགྱུར་བཀའ་མའི་དབང་ལུང་སྐབས་སུ་ཀུན་ལ་སྟབས་བདེ་ཡོང་ཆེད་གཤམ་གྱི་ལམ་སྟོན་ལ་ཆོས་ཞུ་པ་ཡོངས་ནས་བརྩི་འཇོག་གནང་རྒྱུ་རེ་བསྐུལ་ཞུ།

ལམ་སྟོན་སྤྱི་ངོས།

  • ཁྱེད་ལ་ཕུལ་བའི་བཀའ་མའི་དབང་གི་དཔུང་རྟགས་བཀའ་དབང་དབུ་ཚུགས་ནས་མཇུག་མ་གྲུབ་བར་དུ་ཉར་ཚགས་དང་བེད་སྤྱད་གནང་དགོས། དཔུང་རྟགས་ཐོག་ཏུ་ཡོད་པའི་QR ཨང་རྟགས་བརྒྱུད་ཞལ་འདོན་དཔེ་ཆ་དང་ཉིན་རེ་བཞིན་གལ་ཆེའི་གསལ་བསྒྲག་རྣམས་གཟིགས་ཐུབ་པས་དུས་རྒྱུན་དུ་ངེས་པར་དུ་གཟིགས་རྒྱུ་མ་བསྙེལ་བ་གནང་རོགས།
  • གལ་སྲིད་ཁྱེད་རང་ལ་དྲི་བ་ཡོད་ན། ཡང་ན་དགོངས་འཆར་ཡོད་ན་ QR ཨང་རྟགས་ཐོག་ཏུ་༼འབྲེལ་འཐུད༽་ཅེས་པའི་ས་བཅད་ལ་གནན་ནས་འབྲེལ་འཐུན་བྱ་རྒྱུ་དང་། ཡང་ན་སྐབས་ཐོག་གི་སྐུ་ཚབ་ལས་བྱེད་པ་རྣམས་ལ་ཐད་ཀར་འབྲེལ་བ་བྱས་ན་གནན་དུ་སྨིན་པའི་བཀའ་ལན་ཐོབ་ཐུབ་པས་དེ་བཞིན་གནང་རོགས།

བཞུགས་ཤག་གི་སྐོར་ལ།

  • གལ་ཏེ་ཁྱེད་ལ་དགོན་པའི་ནང་དུ་གཞུགས་ཤག་ཕུལ་ཡོད་ན། བཞུགས་ཤག་ནང་དུ་སྐུ་ཉིད་བཞུགས་རྒྱུ་ལས། བཞུགས་ཤག་འགན་འཛིན་གྱིས་ངོས་ལེན་མེད་པ་རང་འགར་བཞུགས་ཤག་བརྗེ་སྤྲོད་བྱ་མི་ཆོག
  • ཁྱེད་ཀྱི་བཞུགས་ཤག་ཉལ་ཁྲི་གསར་སྣོན་སོགས་བཞུགས་ཤག་འགན་འཛིན་པས་གནང་བ་མེད་བཞིན་་བྱ་མི་ཆོག
  • དགོན་པའི་ཁུངས་སུ་ཡོད་པའི་ཁང་པ་ག་འདྲ་ཡིན་ཡང་དེ་ཡི་ནང་དུ་གློག་ཐབ་འཇོག་རྒྱུ་དང་། ཞལ་ལག་བཟོ་བ་དང་། དྲོད་སྐྱེད་ཚ་གློག་སོགས་དང་པོ་ནས་རང་འགྲིགས་ཡོད་ན་མ་བཏོགས་ཁྱེད་ཀྱིས་གསར་སྣོན་བྱ་མི་ཆོག
  • བཞུགས་ཤག་ནས་ཕྱིར་འཐོན་ཚེ་གློག་སྒྲོན་དང་། གཞན་ཡང་གློག་ཆས་རིགས་ཡོད་ཚེ་ངེས་པར་དུ་གློག་སྒོ་བརྒྱབ་དགོས།
  • ཆུ་གློག་ལ་དྲོན་ཆུང་དང་སྲི་ཚག་བྱ་བ་ནི་འཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་རྐྱེན་ཡིན་པས་ཚང་མས་རོགས་འདེབས་གནང་རྒྱུ་ཐུགས་ངེས་གནང་རྒྱུ།
  • དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་དགེ་འདུན་པའི་བཞུགས་ཤག་ནང་དུ་དགེ་འདུན་པ་མ་ཡིན་པ་འཛུལ་བཞུགས་མི་ཆོག
  • ཁྱེད་རང་སྨིན་གྲོལ་གླིང་གི་དགོན་པའི་ནང་དུ་བཞུགས་མཁན་ཡིན་ན་དགོན་པའི་རྒྱ་སྒོ་མ་བརྒྱབ་སྔོན་དུ་དགོན་པའི་ནང་དུ་ཕེབས་ཐུབ་པ་བྱ་རྒྱུ་དང་། དགོན་པའི་ནང་དུ་བཞུགས་མཁན་མིན་ན་ཕྱི་རོལ་དུ་ཕེབས་ཐུབ་པ་གནང་དགོས།།

སྒོ་ཕྱེ་བའི་དུས་ཚོད། སྔ་དྲོ་ཆུ་ཚོད་  ༠༤:༠༠པ།

སྒོ་བརྒྱབ་པའི་དུས་ཚོད། ཕྱི་དྲོ་ཆུ་ཚོད་ ༩:༣༠།

ལྷ་ཁང་ནང་དུ་དབང་ལུང་གི་སྐབས་སུ་བཞུགས་གྲལ་འཁོད་སྟངས་གི་ལམ་སྟོན།

  • ལྷ་ཁང་ནང་དུ་བཞུགས་གྲལ་དཔུང་རྟགས་ཀྱི་ཚོན་མདོག་གིས་ཕྱེས་ནས་གྲལ་སྒྲིག་བྱས་ཡོད་པས་དེ་བཞིན་གུས་བཀུར་ཀྱིས་བཞུགས་རྒྱུ་དང་། 
  • དབང་ལུང་གི་སྐབས་སུ་ཀུན་སློང་དང་ཀུན་སྤྱོད་སོགས་མདོ་རྒྱུད་ཀྱི་གཞུངས་ལས་གསུངས་པ་བཞིན་དུ་གནང་བ་ལས་བག་མེད་དང་རྣམ་གཡེང་སོགས་དགེ་སྦྱོར་ལ་བར་དུ་གཅོད་པའི་རིགས་རྣམས་སྤང་དགོས།།
  • མཆོད་རྟེན་ལྷ་ཁང་ནང་དུ་ཆོས་ཞུས་པ་ཡོངས་རྫོགས་མི་ཆུད་པས་ལྷ་ཁང་གི་ཕྱི་རོལ་དུ་སྤུས་ལེགས་ཀྱི་གུར་ཆེན་ཕུབ་ཡོད་པས་དེར་བཞུགས་གནང་རྒྱུ།
  • བཞུགས་གྲལ་གྱི་བར་སྟོང་གཙང་སེལ་དང་བཞུགས་སྟབས་བདེ་བ་སོགས་ཀྱི་ཆེད་དུ་། དབང་ལུང་གི་སྐབས་སུ་དགོས་ངེས་ཀྱི་ཡོ་བྱད་ལས་། ཅ་དངོས་འཕར་མ་མི་བསྣམ་པ་དང་།
  • ཉིན་རེ་བཞིན་དགོང་མོའི་དབང་ལུང་གྲུབ་རྗེས་རང་རང་སོ་སོའི་ཅ་དངོས་རྣམས་མཉམ་དུ་ཁྱེར་དགོས།
  • དབང་ལུང་དུས་ཚོད་གཏན་འབེབས་ལྟར་དུས་ཐོག་ཏུ་ལྷ་ཁང་ནང་དུ་འཛོམས་ངེས་བྱ་དགོས་ལ། དུས་མིན་རང་འགར་ལྷ་ཁང་ནང་དུ་མི་ཕེབས་པ་ཞུ།
  • ལྷ་ཁང་ནང་དུ་གསོལ་ཇ་འབུལ་རྒྱུ་ཡོད་པས་རང་ཉིད་ཀྱི་ཕོར་པ་བསྣམས་ནས་ཕེབས་དགོས།

གསོལ་ཚིགས་དང་གསོལ་ཚིགས་ཁང་།

ཆོས་ཞུ་པ་ཡོངས་ལ་དུས་གསུམ་གྱི་གསོལ་ཚིགས་ཉིན་ལྟར་འབུལ་རྒྱུ་ཡིན་པས། གསོལ་ཚིགས་འབུལ་ཡུལ་བཀའ་མའི་དབང་གི་དཔུང་རྟགས་ཀྱི་ཚོན་མདོག་གི་རིམ་པ་ལྟར་གྲལ་བསྒྲིགས་ཞུས་ཡོད་པས། ཞབས་ཕྱི་པ་རྣམས་ལ་སྲི་ཞི་སྟབས་བདེའི་ཕྱིར་དུ་ས་གནས་བརྗེ་བོ་མི་བྱ་བ་ཉིན་ལྟར་རང་འཇགས་གནང་རོགས།

  • གསོལ་ཚིགས་བཞེས་གྲུབ་རྗེས་ཕོར་པ་དང་། སྡེར་མ། ཇ་ཕོར་སོགས་གང་སར་མི་འདོར་པ་ངེས་པར་དུ་ས་གནས་བཞག་སར་འཇོག་དགོས།
  • དགེ་སྐོས་རྣམ་གསལ་བསྒྲག་དང་ལམ་སྟོན་གནང་བར་ཀུན་གྱིས་གུས་ཞབས་དང་དོད་ཁུར་གནང་དགོས།
  • ཐབ་ཚང་སོགས་ས་གནས་ཁ་ཤས་ལ་ལས་བྱེད་པ་མ་གཏོགས་སུ་ཡང་ཕེབས་མི་ཆོག་པས་ངེས་པར་མ་ཕེབས་རོགས་གནང་།
  • སྔོན་འགོག་གཙང་སྒྲ་གི་སྐོར་ལ། ཆམ་རིམས་དར་ཁྱབ་མི་འགྲོ་བའི་ཕྱིར་དུ་ཐོག་མའི་བདུན་ཕྲག་གཅིག་ཙམ་རིང་ཁ་ཡོལ་བརྒྱབ་གང་ཐུབ་གནང་རྒྱུ་དང་། གལ་ཏེ་ཆམ་རིམས་ཡོད་ན་ཆམ་རིམས་མ་སངས་བར་དུ་གུར་ནང་དུ་བཞུགས་ཐུབ་ན་ཡག་པོ་འདུག

དགོན་པའི་འཁོར་ཡུག་གི་རྒྱུད་ལྡན་སྤང་བླང་དགོས་རིགས།

  • དགོན་པའི་ཁོར་ཡུག་གི་ཁྱོན་ཡོངས་སུ་ཐ་མ་ཁ་དང་ཆང་རག་གམ་མྱོས་འགྱུར་ཀྱི་རྫས་རིགས་གཏན་ནས་སྤྱད་མི་ཆོག
  • འཁོར་ཡུག་གཙང་སྒྲ་ལ་ཐུགས་ཁུར་ནན་བཞེས་གནང་རྒྱུ་དང་། གེགས་སྙིགས་རིགས་གེགས་སྙིགས་འདོར་སའི་སྣོད་དུ་འདོར་བ་ལས་རང་འགར་གང་ས་འདོར་མི་ཉེན།
  • མི་སྐྱ་ཕོ་མོ་རྣམས་ཀྱིས་དགེ་འདུན་པའི་གསང་སྤྱོད་བེད་སྤྱོད་བྱ་མི་ཆོག་པས་ཐུགས་གཟབ་གནང་རོགས།
  • རང་རང་སོ་སོའི་ཅ་དངོས་ཀྱི་རིགས་དོ་བདག་རང་ཉིད་ལས་འགན་ཁུར་དགོས་པ་ལས། བོར་བརླག་ཤོར་ཚེ་དགོན་པའི་ལས་བྱེད་པས་འགན་ཁུར་བྱེད་མི་ཐུབ།
  • དགོན་པའི་འཁོར་ཡུག་ལ་ཕེབས་སྐབས་སྤྱོད་ལམ་དང་ཆས་གོས་རྣམས་ཚུལ་ལྡན་གནང་རྒྱུདང་། དགེ་འདུན་པ་རྣམས་ལ་གུས་ཞབས་དང་བཀུར་སྟི་མེད་པའི་སྤྱོད་ངན་ངེས་པར་དུ་སྤང་དགོས།
  • བཀའ་མའི་དབང་གི་གོསྒྲི་ག་ཚོགས་ཆུང་གི་གྲྭ་བཙུན་རྣམ་པ་ཁྱེད་སྐུ་སྒེར་ཀྱི་ཞབས་ཕྱི་ཡིན་པའི་འདུ་ཤེས་མི་འཛིན་པ་གཟོད་གསན་དང་སྤྱི་སེམས་ཀྱིས་རོགས་འདེབས་གནང་རོགས།

error: Content is protected !!